སྙན་རྩོམ་གྱི་ ངོ་སྤྲོད།
༡. སྙན་རྩོམ་ཟེར་མི་ག་ཅི་བཟུམ་ཅིག་ལུ་སླབ་ཨིན་ན? གློ་བརྙན་ནང་སླབ་མི་འདི་ཉན་ནི་དང་ བྲིས་ཡོད་མི་ཚུ་ལྷག་སྟེ་ རང་གིས་གོ་བ་ལེན་ཞིནམ་ལས་ ལན་བྲིས།
༢. སྙན་རྩོམ་ལྷབ་དགོ་པའི་ དགོས་པ་ག་ཅི་སྨོ? མཐོང་ཐོས་མཁོ་ཆས་ ཉན་ལྷག་འབད་དེ་ ལན་རང་ཚིག་ནང་བྲིས།
༣. ལུས་ཟེར་མི་ག་ཅི་བཟུམ་ཅིག་ལུ་གོཝ་སྨོ? ལུས་ལུ་དབྱེ་བ་ག་དེ་སྦེ་འདུག? རེ་རེ་བཞིན་ཐོ་བཀོད།
༤. ལུས་དང་ རྒྱནགཉིས་ཀྱི་ དཔེ་ག་ཅི་ལུ་བཞག་ནུག?
༥. རྒྱན་ཟེར་མི་ག་ཅི་བཟུམ་ཅིག་ལུ་སླབ་སྨོ?
༧. ལུས་གསུམ་གྱི་ རེ་རེ་བཞིན་གྱི་ གོ་དོན་བྲིས།
༦. རྒྱན་ལུ་ དབྱེ་བ་ག་དེམ་ཅིག་འདུག? རེ་རེ་བཞིན་ཐོ་བཀོད།
༨. སྙན་རྩོམ་ལུ་ དབྱེ་བ་ག་དེ་སྦེ་ར་འདུག? རེ་རེ་བཞིན་ཐོ་བཀོད།
༩ རྩོམ་ཟེར་མི་ག་ཅི་བཟུམ་ཅིག་ལུ་ གོ་ནི་སྨོ?
༨. འཇིག་རྟེན་པའི་ལུགས་ཀྱི་ སྙན་རྩོམ་ལུ་ དབྱེ་བ་ག་དེམ་ཅིག་འདུག? རེ་རེ་བཞིན་ཐོ་བཀོད།
༩. རྩོམ་གྱི་དབྱེ་བ་ག་དེ་སྦེ་ར་འདུག? རེ་རེ་བཞིན་ཐོ་བཀོད།
དཔེ་རྒྱན་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་གོཝ་སྨོ?
གཟུགས་ཅན་གྱི་རྒྱན་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་གོཝ་སྨོ?
ཟུང་ལྡན་ཟེར་མི་ ག་ཅི་བཟུམ་ཅིག་ལུ་གོཝ་སྨོ?
ཀ་རྩོམ་རྐྱབ་ཐངས་ མ་འདྲཝ་ག་དེ་སྦེ་ར་འདུག? རེ་རེ་བཞིན་ཐོ་བཀོད།
ཀ་རྩོམ་དང་ ཨ་རྩོམ་གཉིས་ཀྱི་ ཁྱད་པར་བྲིས།