ཡིག་སྦྱོར་གྱི་དྲི་བ།

སྤྱི་ལོ་ ༢༠༢༢ ལོ་གི་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ཀྱི་དྲི་བ།
Language: English
Subject: Other > Other

ཡིག་སྦྱོར་གྱི་དྲི་བ།

སྤྱི་ལོ་ ༢༠༢༢ ལོ་གི་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ཀྱི་དྲི་བ།

ལན་གདམ་ཁ་ཅན།

ཀྱི། གི། གྱི། འི། ཡི། ལྔཔོ་འདི་ ...............................ཕྲད་ཨིན།

བྱེད་སྒྲ་གི་

འབྲེལ་སྒྲ་གི་

རྒྱན་སྡུད་ཀྱི།

ལྷག་བཅས་ཀྱི།

ལན་གདམ་ཁ་ཅན།

བསྒུགས་ཏེ་ལྟ། ཟེར་བའི་སྐབས་ ལྟ་ འདི་ དུས་ག་ཅི་ཨིན་མས?

ད་ལྟ་བ་ཨིན།

འདས་པ་ཨིན།

སྐུལ་ཚིག་ཨིན།

མ་འོངས་པ་ཨིན།

ལན་གདམ་ཁ་ཅན་གྱི་དྲི་བ།

རྗོད་ཚིག་འདི་ནང་ལུ་ རྗོད་ཚིག་གཙོ་བོ་གི་མིང་ཚིག་ བྱ་བའི་ཡུལ་ བརྗོད་དོན་ དགོས་དོན་ ས་གནས་ དུས་ཚུ་ ཚངམ་སྦེ་ སྟོན་ཚུགསཔ་ཨིན།
གོང་གི་ ཁྱད་རྣམ་ཚུ་ བརྗོད་པ་ག་ཅི་གི་ ཨིན་མས?

བརྗོད་པ་རྐྱང་པ་ཨིན།

བརྗོད་པ་སྣ་སྡུད་ཨིན།

བརྗོད་པ་ཆ་ཚང་ཨིན།

ཚིགས་བཅད་ཀྱི་བརྗོད་པ་ཨིན།

ལན་གདམ་ཁ་ཅན།

གཡོ་ཤད་འདི་ ག་ཅི་གི་སྐབས་ལུ་ ལག་ལེན་འཐབ་ ཨིན་ན?

རྫོགས་ཚིག་གི་མཐའ་མར་ལུ།

གཞན་ལུ་དྲི་བ་བཀོད་པའི་སྐབས་ལུ།

ཚིག་སྔ་ཕྱི་གཉིས་དོན་དག་སོ་སོ་སྦེ་སྟོནམ་ད།

ཚིག་སྔ་ཕྱི་གཉིས་དོན་དག་གཅིག་སྦེ་སྟོནམ་ད།

ལན་གདམ་ཁ་ཅན།

རྒྱལ་པོ་དང་བློན་པོ་ཟེར་མི་འདི་ རྒྱལ་བློན་ཟེར་ བསྡུ་བའི་སྐབས་ ག་ཅི་སྡུད་པའི་ བསྡུ་ཡིག་ཨིན་མས།

ཕྲད་དང་རྣམ་དབྱེ་བསྡུ་བསྡུཝ།

རྗོད་ཚིག་བསྡུ་བསྡུཝ།

ཚིག་བསྡུ་བསྡུཝ།

སྡེབ་བསྡུ་བསྡུཝ།