མིང་གི་དབྱེ་བ།

དྲི་བ་ཚུ་ ལེགས་ཤོམ་སྦེ་ལྷག་ཞིནམ་ལས་ ཆ་རོགས་དང་ གྲོས་བསྟུན་འབད་ནི་དང་ ཡང་ན་ རང་གིས་ དབྱེ་བ་དཔྱད་དེ་ལན་བྲིས།
Language: English
Subject: Other > Other
Age: 13 - 17

འོག་གི་ཚུ་ ལེགས་ཤོམ་སྦེ་ ལྷག་ཞིནམ་ལས་ རང་གི་དོན་དང་མཐུན་པའི་མིང་འདི་ གདམ་འཐུ་རྐྱབ།

༡. མིང་གཅིག་གིས་ རང་དང་འདྲ་བའི་རིགས་ག་ར་ལུ་ ཁྱབ་ཚུགས་མི་ཅིག་ལུ་་་་་

༢. མིང་འདི་གིས་ རང་རྐྱང་ལུ་ མ་གཏོགས་ གཞན་ལུ་ ཁྱབ་མ་ཚུགས་མི་ལུ་་་་་

༣. དངོས་པ་དང་ གང་ཟག་ཚུ་ གཅིག་ཁར་བསྡོམས་ལས་བརྟེན་ བཏགས་པའི་མིང་ཅིག་ལུ་་་་་

༤. མང་ཉུང་གི་དབྱེ་བ་ཕྱེ་ཚུགས་པའི་མིང་ཚུ་ལུ་་་

༥. ཕོ་མོའི་དབྱེ་བ་ ཕྱེ་ཚུགས་པའི་ ཐ་སྙད་ཚུ་ལུ་་་

༦. ལགཔ་གིས་བཟུང་ནི་དང་ མིག་གིས་མཐོང་མ་ཚུགས་པའི་དོན་སྟོན་པའི་མིང་ཚུ་ལུ་་་

༧. ཡུལ་གོང་མ་ལུ་ གུས་ཞབས་ཀྱི་ཐོག་ལས་ ཞུ་བའི་མིང་ཚུ་ལུ་་་་